22267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་གི་དངོས་གྲུབ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དངོས་གྲུབ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ་ཐུན་མོང་གི་དངོས་གྲུབ་འབའ་ཞིག་གོ ། ཆུང་ངུ་ནི་གྲུབ་པ་བརྒྱད་ལ་སོགས་པའོ། །འབྲིང་བོ་ནི་ལྷ་མིན་ནམ་ཀླུ་སོགས་དང་སྐལ་བ་མཉམ་པ་ས་འོག་རིག་འཛིན་དང་། གནོད་སྦྱིན་སྲིན་པོ་དྲི་ཟ་མི་འམ་ཅི་སོགས་དང་སྐལ་བ་མཉམ་པའི་ས་སྟེང་གི་རིག་འཛིན་དང་། འདོད་ལྷ་རིགས་དྲུག་སོ་སོ་དང་སྐལ་བ་མཉམ་པའི་ས་བླ་འམ། མཁའ་སྤྱོད་ཀྱི་རིག་འཛིན་གསུམ་མོ། །ཆེན་པོ་ནི་འོག་མིན་གྱི་མཐར་ཐུག་པ་གཟུགས་ཁམས་གནས་རིགས་བཅུ་དྲུག་གི་ལྷ་སོ་སོ་དང་སྐལ་བ་མཉམ་པའི་རིག་འཛིན་ནོ། །
Domain ཆོས་ལུགས།

{{#arraymap:ཐུན་མོང་གི་དངོས་གྲུབ་

|; |@@@ | | }}