22268

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་གི་དངོས་གྲུབ་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཐུན་མོང་གི་དངོས་གྲུབ་གསུམ་ནི། གསང་སྔགས་ཀྱི་ལམ་ཚུལ་བཞིན་བསྒྲུབས་པ་ལ་བརྟེན་ནས་ཐོབ་པའི་དངོས་གྲུབ་ཀྱི་བྱེ་བྲག་ཞི་རྒྱས་དབང་དྲག་གི་ལས་བཞི་ལྷུན་གྱིས་གྲུབ་པ་དང་། འབྱུང་བ་ལྔ་ཟད་པར་གྲུབ་པ་དང། གྲུབ་པ་བརྒྱད་མངོན་དུ་བྱས་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཐུན་མོང་གི་དངོས་གྲུབ་ལ་གསུམ་སྟེ། ཡེ་ཤེས་ལྔ་གྲུབ་པའི་རྟགས་སུ་ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་བསྟན་པ། ཕུང་པོ་ལྔ་གནས་སུ་དག་པའི་རྟགས་སུ་འབྱུང་བ་ལྔ་ཟད་པར་གྲུབ་པའི་ཚུལ་བཤད་པ། རྣམ་ཤེས་བརྒྱད་དབྱིངས་སུ་དག་པའི་རྟགས་སུ་གྲུབ་པ་བརྒྱད་ཇི་ལྟར་ཐོབ་པའི་ཚུལ་བརྗོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཐུན་མོང་གི་དངོས་གྲུབ་གསུམ་

|; |@@@ | | }}