22278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་གི་ཡན་ལག་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་ཀྱི་སྦྱོར་སྒོ་དང་ངེས་པའི་གསང་སྒོ་ཐུན་མོང་དུ་འབྱེད་པར་བྱེད་པ་ཡན་ལག་གི་ལྡེ་མིག་ཡན་ལག་དྲུག་སྟེ། བྱ་བའི་ཡན་ལག་དང། ཐབས་ཀྱི་ཡན་ལག་དང་། སྦྱོར་བའི་ཡན་ལག་དང་། སྤྱོད་པའི་ཡན་ལག་དང། རིག་པའི་ཡན་ལག་དང་། རྫོགས་པའི་ཡན་ལག་བཅས་དྲུག་གོ ། དྲུག་པོ་འདི་དག་རིམ་བཞིན་ཕྱི་རྒྱུད་སྡེ་གསུམ་དང་ནང་རྒྱུད་སྡེ་གསུམ་མོ། །འདི་དག་ལ་ཡན་ལག་དྲུག་ཅེས་ཀྱང་གྲགས།
Domain ཆོས་ལུགས།

{{#arraymap:ཐུན་མོང་གི་ཡན་ལག་དྲུག་

|; |@@@ | | }}