22282

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་གི་རྟགས་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་བ་དམིགས་པ་ལ་སེམས་ཟིན་པས་ཐུན་མོང་གི་རྟགས་བཅུ་སྟེ། ས་རླུང་ཟིན་པས་དུ་བ་སྔོན་བུན་ནོ། །མེ་རླུང་ཟིན་པས་སྲིན་བུ་མེ་ཁྱེར་རོ། །ཆུ་རླུང་ཟིན་པས་སྨིག་རྒྱུའོ། །རླུང་གི་རླུང་ཟིན་པས་མེ་འབར་བའོ། །ནམ་མཁའི་རླུང་ཟིན་པས་འཇའ་ཚོན་སྣ་ཚོགས། སེམས་ལྷག་པར་བརྟེན་པའི་དེ་བཞིན་གཤེགས་པའི་སྐུ་མཐོང་ངོ༌། །འགྲོ་བ་རིགས་དྲུག་གི་གནས་མཐོང་ངོ༌། །ལུས་ལ་འཇའ་ཚོན་སྣ་ལྔས་འཁོར་རོ། །ལྷའི་མིག་ལྟ་བུ་ཡུལ་གཅིག་གིས་གཅིག་མི་བསྒྲིབ་པར་གསལ། གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་དྲན་པ་སོགས་ཉམས་སྣང་སྣ་ཚོགས་འཆར་བའོ། །
Domain ཆོས་ལུགས།

{{#arraymap:ཐུན་མོང་གི་རྟགས་བཅུ་

|; |@@@ | | }}