2229
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔོན་བསྐལ་བ་གཞན་ཞིག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བྱེད་ལ་བུ་ལྔ་ཡོད་པའི་གཅིག་ཡིན། དེའང་མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་རྒྱལ་བ་རིགས་ལྔ་ལས་སངས་རྒྱས་དོན་ཡོད་གྲུབ་པ་ཉིད། སྔོན་ལས་དང་པོའི་གནས་སྐབས་ཁྱེའུ་དུམ་བུ་ར་བྱ་བ་བསྐལ་པ་མངོན་པར་དགའ་བའི་དུས་སངས་རྒྱས་ཀུན་ཏུ་བཟང་པོའི་མདུན་དུ་སེམས་བསྐྱེད་ནས་ཐུན་མོང་ཐེག་པར་བསླབས་པའི་མཐར། སངས་རྒྱས་ལས་སྣ་ཚོགས་ཀྱི་མདུན་གསང་བ་མཆོག་གི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐུན་མིན་གསང་སྔགས་ཀྱི་རྣལ་འབྱོར་ལྔར་སློབ་སྐབས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམ་པར་སྣང་བྱེད་ཀྱི་བུ་ལྔའི་ནང་གསེས་ཀུན་ལ་མཛེས་པའི་འོད་འདི་ཉིད་དུ་སྐྱེ་བ་བཞེས། མཐར་ལམ་དང་པོ་ཐོབ་སྟེ་རྒྱལ་ཚབ་སྐྱེས་བུར་གྱུར་པ་ན་སྐྱེས་བུ་དམ་པ་ལས་ཀྱི་རྡོ་རྗེ་ཞེས་ཞིང་ཁམས་ཀུན་ཏུ་གྲགས། འཇིག་རྟེན་གྱི་ཁམས་བྱང་ཕྱོགས་རྣམ་པར་དག་པ་ཞེས་བྱ་བར་སངས་རྒྱས་གདོན་མི་ཟ་བར་གྲུབ་པ་ཞེས་བྱ་བར་འབྱུང་བར་འགྱུར་རོ། །ཞེས་པའི་ལུང་བསྟན་ཐོབ་པ་ཡིན། |
{{#arraymap:ཀུན་ལ་མཛེས་པའི་འོད་
|; |@@@ | | }}