22293

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་དངོས་གྲུབ་བརྒྱད་ (1)
Part of speech མིང་ཚིག
Definition སངས་རྒྱས་ཆོས་ལུགས་ཀྱི་སྔགས་ཀྱི་གཞུང་ནས་བཤད་ཚུལ་ལ་གསང་སྔགས་བླ་མེད་ཀྱི་ལམ་བསྒོམས་ནས་བསྐྱེད་རིམ་མཐར་ཕྱིན་པ་ན་ཕྱིའི་རྟགས་མཚན་དུ་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་བྱུང་སྟེ། རིལ་བུའི་དངོས་གྲུབ། མིག་སྨན་གྱི་དངོས་གྲུབ། ས་འོག་གི་དངོས་གྲུབ། རལ་གྲིའི་དངོས་གྲུབ། རྐང་མགྱོགས་ཀྱི་དངོས་གྲུབ། མི་སྣང་བའི་དངོས་གྲུབ། འཆི་མེད་ཀྱི་དངོས་གྲུབ། ནད་འཛོམས་པའི་དངོས་གྲུབ་བཅས་བརྒྱད་ཀ་ཐོབ་བའམ། ཡང་ན། ལྟ་སྟངས་ཀྱི་དངོས་གྲུབ་བརྒྱད་ཀྱི་ནུས་པ་ཁོང་དུ་ཆུད་ཚེ་གསང་སྔགས་བླ་མེད་པའི་ལམ་གྱི་གནས་ཚད་རིམ་པ་དྲུག་གི་ནང་ནས་དང་པོ་མཐར་ཕྱིན་པའི་ཚད་གཞི་ཡིན་ཞེས་བཤད་སྲོལ་ཡོད།
Domain ཆོས་ལུགས།

{{#arraymap:ཐུན་མོང་དངོས་གྲུབ་བརྒྱད་

|; |@@@ | | }}