22298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition མ་ངེས་པའི་གཏན་ཚིགས་ཀྱི་ནང་གསེས། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པ་ཡིན་ལ། དེ་དང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་ངེས་པའི་གཏན་ཚིགས་ཤིག དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཉིད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་ངེས་པ་དེ། རང་ཉིད་དེ་སྒྲུབ་ཀྱི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང་། ལྷག་ལྡན་གྱི་གཏན་ཚིགས་གཉིས།
Domain ཚད་མ།

{{#arraymap:ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་

|; |@@@ | | }}

ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་ (2)
Part of speech མིང་ཚིག
Definition སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་མི་རྟག་པ་ལ་ཡོད་པར་ཚད་མས་ངེས་པ་དང། དེས་ཁྱོད་རྟག་པ་ལ་ཡོད་པར་ཚད་མས་ངེས་པ་གང་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ།

{{#arraymap:ཐུན་མོང་བའི་མ་ངེས་པའི་གཏན་ཚིགས་

|; |@@@ | | }}