22301

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་བའི་འགོག་སྙོམས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་འགོག་སྙོམས་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་གི་སེམས་རྟེན་སྲིད་རྩེའི་དངོས་གཞི་ལ་བརྟེན་ནས་དགག་གཞི་ཡིད་ཤེས་ཕྲ་མོའི་སྟེང་དུ་དགག་བྱ་ཚོགས་དྲུག་རགས་པ་འཁོར་བཅས་བཀག་པས་རབ་ཏུ་ཕྱེ་བའི་རིགས་གནས་ཀྱི་འཕགས་རྒྱུད་ཀྱི་ལྡན་མིན་འདུ་བྱེད་གང་ཞིག ། མཐར་གནས་སྙོམས་འཇུག་དགུའི་ནང་ཚན་དུ་གཏོགས་པ། ཐུན་མོང་བའི་འགོག་སྙོམས་ཀྱི་མཚན་ཉིད། ཅེས་གསུངས།
Domain ཆོས་ལུགས།

{{#arraymap:ཐུན་མོང་བའི་འགོག་སྙོམས་

|; |@@@ | | }}