22313
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མ་ངེས་པའི་གཏན་ཚིགས་ཀྱི་ནང་གསེས། ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་པར་ངེས་ཤིང་། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་མ་ངེས་པའི་གཏན་ཚིགས་ཤིག དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཉིད་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རང་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་ཡོད་པར་མ་ངེས་པ་དེ། རང་ཉིད་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཅེས་གསུངས། |
Example | སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་མཉན་བྱ་ལྟ་བུ་དང་། གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པ་ལ། སྲོག་ལྡན་རྟགས་སུ་བཀོད་པའི་ཚེ་ན་སྲོག་ལྡན་ལྟ་བུའོ། ། |
Domain | ཚད་མ། |
{{#arraymap:ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་མི་རྟག་པ་ལ་ཡོད་པར་ཚད་མས་མ་ངེས། དེས་ཁྱོད་རྟག་པ་ལ་ཡོད་པར་ཚད་མས་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དེ་ལ་དབྱེ་ན། མི་མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང་། མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་སྐབས་ཀྱི་རྒོལ་བས་མ་ངེས་པའི་དེ་དང། མཐུན་ཕྱོགས་ལ་མེད་ནས་མ་མཐོང་ཞིང། མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་སྐབས་ཀྱི་རྒོལ་བས་མ་ངེས་པའི་དེ་དང། མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དེས་མ་ངེས་ཤིང། མི་མཐུན་ཕྱོགས་ལ་ཡོད་ཀྱང་ཡོད་པ་ལྟར་དེས་མ་ངེས་པའི་ཐུན་མོང་མ་ཡིན་མ་ངེས་པའི་གཏན་ཚིགས་དང་གསུམ་དུ་ཡོད། |
{{#arraymap:ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་
|; |@@@ | | }}