22315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་མ་ཡིན་པའི་མངོན་པར་ཤེས་པ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཐུན་མོང་མ་ཡིན་པའི་མངོན་པར་ཤེས་པ་དྲུག་ནི། ཟག་པ་མེད་པའི་མངོན་པར་ཤེས་པ་དྲུག་སྟེ། གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཡང་ཐུན་མོང་མ་ཡིན་པའི་མངོན་པར་ཤེས་པ་དྲུག་གང་ཞེ་ན། ཟག་པ་མེད་པའི་མངོན་པར་ཤེས་པ་དྲུག་ཅེས་སྨོས་ཏེ། དེ་ལ་ཟག་པ་མེད་ཅེས་བྱ་བ་ནི། འཇིག་རྟེན་གྱི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །ཞེས་གསུངས། ཕྱི་ནང་གསང་གསུམ་གྱི་མཚན་དཔེའི་སྐབས་སུའང་གཟིགས།
Domain ཆོས་ལུགས།

{{#arraymap:ཐུན་མོང་མ་ཡིན་པའི་མངོན་པར་ཤེས་པ་དྲུག་

|; |@@@ | | }}