2232
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༡༤༨ ལོར་གཙང་གི་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་རུས་ལས་འཁྲུངས། རྒྱལ་ཚ་རིན་ཆེན་མགོན་གྱི་གཅུང་པོ་ཡིན། རྗེ་ཕག་མོ་གྲུ་པ་ལས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་གདམས་ངག་མང་དུ་གསན། ཁྲོ་ཕུར་བྱོན་ཏེ་སྒྲུབ་པ་མཛད། སྤངས་རྟོགས་ཀྱི་ཡོན་ཏན་དཔག་མེད་བརྙེས། བླ་མའི་གདན་ས་ཕག་མོ་གྲུར་བྱོན་ནས་གཙུག་ལག་ཁང་བརྩིགས། སྒྲུབ་ཁང་ནས་གང་ཏུ་མ་ཕེབས་ཀྱང་རྒྱ་གར་གྱི་ཤིང་ཏོག་རིགས་མི་གཅིག་པ་སྣ་ཚོགས་ཕྱག་ཏུ་འོངས། ཡུལ་དུ་མུ་གེ་ཆེན་པོ་ཞིག་བྱུང་དུས་འབྲུའི་ཆར་ཕབ་ནས་མུ་གེ་ཞི་བར་མཛད་པ་སོགས་གྲུབ་རྟགས་མང་པོ་བསྟན། གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ཏུ་བཀོད། བདུན་ཅུ་པ་རབ་བྱུང་བཞི་པའི་མེ་གླང་ཕྱི་ལོ་ ༡༢༡༧ ལོར་བྱ་ཕུག་ཏུ་སྐུ་གཤེགས། |
{{#arraymap:ཀུན་ལྡན་རས་པ་
|; |@@@ | | }}