22326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་མ་ཡིན་ཡན་ལག་གི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གདུལ་བྱ་ཐེག་པ་ཆེ་ཆུང་ཀུན་གྱི་ཐུན་མོང་གི་བསྲུང་སྐལ་མ་གྱུར་པས་ཐུན་མིན་ཡིན་ལ། རྩ་བ་གཡུང་དྲུང་སེམས་ཀྱི་དམ་ཚིག་གི་ཡན་ལག་ཏུ་གྱུར་པས་ཡན་ལག་གི་དམ་ཚིག་གོ ། དམ་ཚིག་ཅེས་པ་ཡང་བླང་འདོར་རྣམ་པར་དག་པ་ལས་མི་འདའི་བསྲུང་བྱ་ཞིག་ཡིན་ནོ། །དེ་ལ་དབྱེ་ན་ལྔ་ཚན་ལྔ་སྟེ། སྤྱད་པར་བྱ་བའི་དམ་ཚིག་ལྔ། མི་སྤང་བའི་དམ་ཚིག་ལྔ། དང་དུ་བླང་བའི་དམ་ཚིག་ལྔ། བསྒྲུབ་པར་བྱ་བའི་དམ་ཚིག་ལྔ། ཤེས་པར་བྱ་བའི་དམ་ཚིག་དང་ལྔ་སྟེ་བསྡོམས་པས་ཉེར་ལྔའོ། །དེ་ཡང་འགུ་ཡ་ལས། ཐུན་མོང་མ་ཡིན་ཡན་ལག་ནི། སྤྱད་པར་བྱ་བའི་དམ་ཚིག་དང་། མི་སྤང་བ་ཡི་དམ་ཚིག་དང་། ཞེས་སོགས་རྒྱ་ཆེར་གསུངས་པས་ངེས་སོ། །
Domain ཆོས་ལུགས།

{{#arraymap:ཐུན་མོང་མ་ཡིན་ཡན་ལག་གི་དམ་ཚིག་

|; |@@@ | | }}