2233
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱི་སྲས་མོར་འཁྲུངས་ཤིང་། ཆུང་ངུ་ནས་འཆི་བ་མི་རྟག་པས་རྒྱུད་བསྐུལ་ཏེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས། འཇིག་རྟེན་པའི་ཁྱིམ་ཐབ་ལ་མི་འགྲོ་བའི་ཞེ་བཅད་ཆེན་པོ་མངའ། དགུང་ལོ་བཅུ་གསུམ་ལ་འབྲི་ཀློག་དང་ཞི་ཁྲོའི་ཆོ་ག་སོགས་ཆོས་མང་དུ་བསླབས། བཅོ་བརྒྱད་པ་ལ་གསེར་འོད་དང་བརྒྱད་སྟོང་པ་གཟིགས་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་ཤར་ནས་ཉམས་དབྱངས་ཀྱང་དུ་མ་མཛད། ཡབ་ལས་སྙན་བརྒྱུད་སྐོར་དང་། གཞན་ཡང་བླ་མ་དུ་མ་བསྟེན། དེ་ནས་ཡབ་ལ་ཕྱོགས་མེད་ཀྱི་རི་ཁྲོད་ལ་འགྲོ་བར་ཞུས་པས། ཁྱོད་རྒྱལ་ཁམས་སུ་འགྲོ་ཟེར་བ་ཁྱོ་ཕོ་འདོད་པའི་རྟགས་ཡིན། སྒྲུབ་པ་བྱེད་ན་རི་ཆུང་གི་རྩེར་སྒོམ་སྡོད་གསུངས་པས། དེར་འདག་སྒོ་མཛད་ནས་ལོ་གཅིག་བཞུགས། གྲོང་ལྟག་གི་སྒྲུབ་པ་འདིས་ཀྱང་མི་འོང་བར་འདུག ཚེ་འདི་ལ་གྲུབ་པ་ཐོབ་པ་ཞིག་བྱ་དགོངས་ཏེ། སྒོམ་མ་དད་པ་ཅན་ཕྱག་ཕྱིར་འབྲང་བ་ཁྲིད་ནས་ཟབ་ཕུ་ལུང་། ཞྭ་ལུའི་ཕུ་སྨོན་མཁར། ཤངས་ཀྱི་གྱེ་རེའི་བྲག་སོགས་སུ་བྱོན་ཏེ་དཀའ་ཐུབ་ཆེན་པོས་སྒྲུབ་པ་མཛད། མི་མ་ཡིན་གྱི་བར་ཆད་དང་ལུས་སེམས་ཀྱི་སྟེང་དུ་གེགས་མང་དུ་བྱུང་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་ཁྱེར། མི་ཤིགས་བྲག་ལ་བཞུགས་དུས་རི་སྐེད་ནས་གཅོང་རོང་དུ་རྦབ་ལ་འགྲིལ་བ་ན། སྐུ་ལ་ནོངས་པ་ཅི་ཡང་མ་བྱུང་ཞིང་། རླུང་སྲོག་རྩོལ་ཉི་ཟླའི་ལམ་དུ་ཚུད། །ཅེས་སོགས་ཀྱི་མགུར་མཛད། རི་ཆུང་དུ་སྙན་བརྒྱུད་གསུངས་པའི་ཚོགས་འཁོར་དུས། ཕྱག་མཆོད་ཀྱི་ཐོད་པའི་ནང་དུ། རྡོ་རྗེ་ཁ་དོག་སྔོ་དམར་ཉིས་རིམ་གྱིས་མཐའ་མར་མུ་ཁྱུད་དཀར་པོས་རིམ་པ་གཉིས་སུ་བསྐོར་བ་ཞིག་དེར་ཡོད་ཀུན་གྱིས་མཐོང་བ་ལ། བླ་མ་བདེ་ལེགས་པས། བདག་ལ་གནང་བ་ཞུས་ཏེ་གསོལ། ད་རུང་ཡང་གྲུབ་རྟགས་ཤིག་བསྟན་པར་ཞུས་པས། ལོ་བཅོ་བརྒྱད་ནས་ད་ལྟ་བདུན་ཅུ་རྩ་ལྔའི་བར་རི་ཁྲོད་འགྲིམ་ཞིང་སྒྲུབ་པ་བྱས། གནམ་ཀ་བ་མེད་པའི་འོག་ན་སེངྒེ་སྲབ་མེད་དུ་འཕྱོ་བ་ཡིན། གྲུབ་རྟགས་དེ་ཀ་ཡིན་ནམ་གསུང་། དེ་ལྟར་སྒྲུབ་པ་དང་འགྲོ་དོན་ཡུན་རིང་དུ་མཛད་ནས། དགུང་ལོ་བརྒྱད་ཅུ་བརྒལ་བ་ན་མཁའ་སྤྱོད་དུ་གཤེགས་སོ། ། |
{{#arraymap:ཀུན་ལྡན་རས་མ་
|; |@@@ | | }}