22331
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཐུགས་རྗེ་ཆེན་པོ་གདུལ་བྱ་འདུལ་བ་ལས་མི་འདའ་བ་ལྷུན་གྱིས་གྲུབ་པར་དོན་མཛད་དེ་དུས་གསུམ་དུ་གདུལ་བྱ་མི་དོར་བའི་ཕྱིར། གླང་པོའི་ཀོ་རློན། དཔའ་བའི་རང་བཞིན་ལས་མི་འདའ་བ་ཁྲོ་བོའི་རང་བཞིན་དུ་དཔའ་བའི་ཕྱིར། སྟག་གི་ཤམ་ཐབས། ཐབས་ཀྱིས་གདུག་པ་སྒྲོལ་བའི་ཐུགས་དམ་ལས་མི་འདའ་བ་སྔོན་གྱི་གོ་ཆས་གདུལ་བྱ་མི་དོར་བའི་ཕྱིར། ཞིང་གི་གཡང་གཞི་དང་གསུམ་ནི་བགོས་པའི་རྒྱན་གསུམ་དང་། དབྱིངས་ཤེས་རབ་ལས་མི་འདའ་བ་ཐུགས་ཀྱིས་གཉིས་མེད་དུ་མཁྱེན་པས་མཐའ་རིལ་འཇོམས་པའི་ཕྱིར། སྦྲུལ་གྱི་ཆུན་པོ། དུག་གསུམ་སྐུ་གསུམ་དུ་དབང་བསྒྱུར་བའི་ཐབས་ལས་མི་འདའ་བ་ཐབས་མཆོག་དཔག་གིས་མི་ལང་བས་འཁོར་བའི་དཔྱིས་ཕྱུང་བའི་ཕྱིར། ཐོད་ཕྲེང་སྟེ་གདགས་པའི་རྒྱན་གཉིས་དང་། དམིགས་པ་དག་པའི་ཐུགས་རྗེ་ལས་མི་འདའ་བ་ཤེས་རབ་དང་ཐུགས་རྗེ་ཆེན་པོས་འཁོར་འདས་ལ་ཆགས་པ་མི་ཕྱེད་པའི་ཕྱིར། རཀྟའི་ཐིག་ལེ། དགོངས་བཅུད་དམ་པ་ལས་མི་འདའ་བ་ཆོས་མཉམ་པའི་དེ་ཁོ་ན་ཉིད་དྲི་མའི་ཟུག་རྔུ་དང་བྲལ་བར་མཁྱེན་པའི་ཕྱིར། ཞག་གི་ཟོ་རིས། སྐུ་གསུམ་གྱིས་དུག་གསུམ་འཇོམས་པའི་ཕྲིན་ལས་ལས་མི་འདའ་བ་མཛད་པས་འགྲོ་བ་སྒྲོལ་བའི་ཕྱིར། ཐལ་ཆེན་གྱི་མཚན་མ་སྟེ་བྱུག་པའི་རྒྱན་གསུམ་དང་བཅས་བསྡོམ་བརྒྱད་དོ། ། |
Domain | ཆོས་ལུགས། |
{{#arraymap:ཐུན་མོང་ཡེ་ཤེས་རང་སྣང་གི་རྒྱན་བརྒྱད་
|; |@@@ | | }}