22343
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། མཚན་ཉིད་ནི། རྒྱུ་དུས་སུ་རུང་བ་ལས་བྱུང་། ངོ་བོ་བཏུང་བའི་བདག་ཉིད་དུ་གནས། ཅུང་ཟད་སླ་བའོ། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། བཅས་ལྡན་རབ་བྱུང་སྡེ་ལྔ་གང་རུང་ལ་གནང་བའི་བཏུང་བའི་ཁྱད་པར་གང་ཞིག ཐུན་ཚོད་ཀྱི་མཐའ་སོགས་གསུམ་པོ་གང་རུང་དུ་བྱིན་གྱིས་བརླབས་ནས་གང་རུང་གི་མཐའ་མ་རྫོགས་ཀྱི་བར་ལ་དུས་རུང་དང་དུས་མ་ཡིན་ཐམས་ཅད་དུ་ལོངས་སྤྱད་པར་བྱ་བའི་རིགས་སུ་གནས་པ་དེ་ཐུན་ཚོད་དུ་རུང་བའི་སྨན་གྱི་མཚན་ཉིད་ཡིན་ནོ། །དབྱེ་བ་ནི། དབྱེ་ན་གསུམ་སྟེ། རྒྱུ་དུས་རུང་ལས་བྱུང་བ་དང། དུས་རུང་མ་ཡིན་པ་ཞག་བདུན་པའི་སྨན་ལས་བྱུང་བ་དང། འཚོ་བཅང་གི་སྨན་ལས་བྱུང་བའི་བཏུང་བ་དང་གསུམ་མོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཐུན་ཚོད་དུ་རུང་བའི་སྨན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འདུལ་བ་ལས་བཤད་པའི་སྨན་བཞིའི་གྲས། སྔ་དྲོ་ནས་མཚན་མོའི་ཐུན་ཚོད་ཚུན་ཆད་དུ་བྱིན་གྱིས་བརླབས་ཤིང༌། སྐོམ་པའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན། བཅས་ལྡན་དགེ་སློང་གིས་ཐུན་ཚོད་ཀྱི་མཐའི་བར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་དུ་རུང་བ་བཏུང་བའི་རྒྱུ་བརྒྱད་དམ། ཐུན་ཚོད་དུ་རུང་བའི་སྨན་གསུམ་དང༌། གཞན་ཡང་བཅོས་པའི་ཚྭ། འབྲུའི་ཚྭ། ཞོའི་ཁ་ཆུ། རྩབ་མོའམ་ཙང་ཤུར་གྲགས་པ་རྣམས་ཏེ་མཚན་ཉིད་ལྔ་ལྡན་གྱི་བཏུང་བའོ། |
{{#arraymap:ཐུན་ཚོད་དུ་རུང་བའི་སྨན་
|; |@@@ | | }}