22358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུབ་དཀའ་གཞོན་ནུ་ (1)
Part of speech མིང་ཚིག
Definition ཐུབ་དཀའ། དགེ་སློང་ཐུབ་དཀའ་ཞེས་ཀྱང་བརྗོད། སྔོན་འདས་པའི་བསྐལ་པ་ཀུན་དགའ་ཞེས་པའི་དུས་སུ། ཞིང་ཁམས་མངོན་པར་དགའ་བ་ཞེས་པའི་སྟོན་པ་སངས་རྒྱས་མི་བསྐྱོད་པའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་གནས་ལ་མཁྱེན་པའི་དགེ་སློང་ཞིག་ཡིན། དེའི་ཚེ་ཁྱིམ་བདག་ཀེའུ་ཀ་ཡའི་བུ་ཐར་པ་ནག་པོ་དང་དེའི་གཡོག་དན་ཕག་གཉིས་པོ་རྗེས་སུ་བཟུང་ནས་གསང་སྔགས་ཀྱི་གདམས་པ་སྦྱིན་ཀྱང་ཐར་པ་ནག་པོ་ལྟ་སྤྱོད་ལོག་ནས་བླ་མ་ཐུབ་དཀའ་གཞོན་ནུ་དང་གཡོག་དན་ཕག་གཉིས་གནས་ནས་བསྐྲད། རང་ཉིད་ལྔ་ཕྲག་གི་དངོས་པོ་བཞི་ལ་རང་དགར་འཇོལ་ཉོག་ཏུ་སྤྱད་པ་དེ་ནས་མ་དག་པའི་སྐྱེ་རྒྱུད་བཞི་སྟོང་ལྔ་བརྒྱ་བཅུ་བཞིར་བརྒྱུད་པའི་མཐར་རུ་དྲར་སྨིན་ནས་མ་ཟན་མ་ཏཾ་ག་འམ་རུ་དྲ་ཐར་པ་ནག་པོར་གྱུར་སྐབས། ཐུབ་དཀའ་གཞོན་ནུ་ས་མཆོག་བཅུ་བཞི་པ་བརྙེས་ཏེ་རྡོ་རྗེ་སེམས་དཔའམ་རྡོ་རྗེ་སྙིང་པོར་གནས་གྱུར་པའི་སྤྲུལ་པ་ཐུབ་པའི་དབང་པོས་སྔར་གྱི་ལས་འབྲེལ་དབང་གིས་རུ་དྲ་གདུལ་དུ་ཕྱིན་ཀྱང་ཞི་བས་མ་ཐུལ། དེ་ཚེ་གཡོག་དན་ཕག་རྩལ་ཆེན་རྫོགས་པའི་རྒྱལ་ཚབ་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་ནམ་ཕྱག་ན་རྡོ་རྗེར་གནས་གྱུར་པ་དེའི་སྤྲུལ་པ་རྡོ་རྗེ་སྲིན་པོས་བཏུལ་བའི་གཏམ་རྒྱུད་སྐོར་མདོ་དགོངས་པ་འདུས་པ་ལེའུ་ཉི་ཤུ་ནས་སོ་གཅིག་བར་གདུལ་བྱ་སྐབས་ལ་བབ་པའི་བྱུང་ཚུལ་བསྟན་པར་རྒྱས་པར་གསལ།

{{#arraymap:ཐུབ་དཀའ་གཞོན་ནུ་

|; |@@@ | | }}