22365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུབ་པ་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མི་སློབ་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་ཡིད་ཁོོ་ན་ཉིད་དེ་གསུམ་ནི་གོ་རིམ་བཞིན་དུ་ཐུབ་པའི་ལུས་ངག་ཡིད་གསུམ་མོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས། ཐུབ་པའི་གསུམ་སྟེ་ཐུབ་པའི་ལུས་དང་། ཐུབ་པའི་ངག་དང་། ཐུབ་པའི་ཡིད་དོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། ཐུབ་པ་ནི་མི་སློབ་པ་སྟེ་ཉོན་མོངས་པ་གཏན་དུ་ཐུབ་པའི་ཕྱིར་ནའོ། །གསུམ་ནི་ཐུབ་པའི་ལས་སམ་ཐུབ་པའི་ངོ་བོ་ཡིན་པས་ན་ཐུབ་པའི་གསུམ་ཞེས་པ་སྟེ་དེའི་ལུས་ངག་གི་ལས་ཟག་མེད་ནི་ལས་དང་ངོ་བོ་ཡིན་པས་དང་ཡིད་ཟག་མེད་དེ་ཉིད་ཐུབ་པའི་ངོ་བོ་ཡིན་པའི་ཕྱིར་ཐུབ་པའི་གསུམ་ཞེས་བྱ་སྟེ་གོ་རིམ་བཞིན་ནོ། །དེ་ཁོ་ན་ཐུབ་པའི་ཡིད་དམ་ཡིད་ཀྱི་ཐུབ་པར་འཇོག་པ་ནི་གཙོ་བོ་ཡིན་ཞིང་དོན་དམ་པར་ཐུབ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐུབ་པ་གསུམ་

|; |@@@ | | }}