22374
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལྷ་དཔལ་འདྲེ་བདུན་གྱི་ནང་གསེས་ཞིག་སྟེ། བརྩི་བྱ་དག་གི་མ་ཀླུང་སྐྱེས་པའི་སྤར་ཁ་སྐྱེས་སྤར་དང་། རང་ཀླུང་སྐྱེས་པའི་སྨེ་བ་སྐྱེས་སྨེ་གཉིས་ཀྱི་ཁམས་སོ་སོའི་རང་ལོའི་སྲོག་ལུས་དབང་ཀླུང་གི་ཁམས་ཀྱི་གྲོགས་སུ་འགྲོ་བ་ལ་ཟེར་བ་ཡིན། གལ་སྲིད་ལོ་ཁམས་མེ་རྟ་ཡིན་པའི་བརྩི་བྱ་ཞིག་ལ་ཆ་བཞག་ན། སྲོག་ཁམས་མེ་ཡིན་པས་སྐྱེས་སྤར་དྭ་ལྟ་བུ་སྲོག་གི་གྲོགས་སུ་འགྲོ་བའི་ཐུབ་པ་འདྲེ་ཡིན་ན། བརྩི་བྱ་དེ་ཚེ་ཡི་ཉི་མ་སྤྲིན་གྱིས་བསྒྲིབས་ཞེས་རང་ལོ་སོ་བདུན་བརྒལ་ནས་འཚོ་དཀའ་བར་བཤད། ལུས་ཁམས་ཆུ་ཡིན་པས་སྐྱེས་སྤར་ལི་ལྟ་བུ་ལུས་ཀྱི་གྲོགས་སུ་འགྲོ་བའི་ཐུབ་པ་འདྲེ་ཡིན་ན། བརྩི་བྱ་དེའི་ལུས་སྐལ་འཕམ་པས་ཆུང་དུས་གསོ་དཀའ་ཞིང་ན་ཚ་མོད་པར་བཤད། དབང་ཁམས་མེ་ཡིན་པས་སྐྱེས་སྤར་དྭ་ལྟ་བུ་དབང་ཐང་གི་གྲོགས་སུ་འགྲོ་བའི་ཐུབ་པ་འདྲེ་ཡིན་ན། བརྩི་བྱ་དེའི་དབང་སྐལ་དམན་པས་བུ་ཚ་ལྷག་ཆག་མང་ཞིང་ནོར་ལ་གང་སྟོངས་རྒྱུན་མི་ཆད་པར་བཤད། ཀླུང་ཁམས་ལྕགས་ཡིན་པས་སྐྱེས་སྤར་ཟིན་ལྟ་བུ་ཀླུང་རྟའི་གྲོགས་སུ་འགྲོ་བའི་ཐུབ་པ་འདྲེ་ཡིན་ན། བརྩི་བྱ་དེའི་ཀླུང་སྐལ་འཕམ་པས་ལས་བགྱིས་པར་མི་མི་མགུ་ཞིང་ཁ་སྨྲས་དང་གླེང་གཞི་མང་བར་བཤད། དེ་བཞིན་དུ་སྨེ་བའི་ཆ་ནས་སྟག་ཡོས་ལྔ་སེར་ལ་སྐྱེས་པ་ལྟ་བུ་རང་ལོའི་སྲོག་ཁམས་ཀྱི་གྲོགས་སུ་འགྲོ་བའི་ཐུབ་པ་འདྲེ་ཡིན་ན། བརྩི་བྱ་དེའི་སྨེ་སྐལ་འཕམ་པས་ལུས་ལ་ནད་དང་ནོར་ལ་གང་སྟོངས་ཆེ་བར་བཤད། |
Domain | རྩིས་རིག |
{{#arraymap:ཐུབ་པ་འདྲེ་
|; |@@@ | | }}