22382
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱལ་བུ་དོན་གྲུབ་ཀྱི་མདོ་ལས། ཡུལ་ཡ་བའི་རྒྱལ་པོ་དགེ་བའི་སྲས་རྒྱལ་བུ་དོན་གྲུབ་ཀྱིས་བལ་གྱི་གླང་པོ་ཆེ་རང་གི་དགྲ་ཟླའི་རྒྱལ་པོ་ལ་སྦྱིན་པར་བཏང་བས། ཡབ་རྒྱལ་པོས་རྒྱལ་བུ་དང་དེའི་བཙུན་མོ་སྲས་སྲས་མོ་བཅས་ལོ་བཅུ་གཉིས་ཀྱི་བར་དུ་རི་བོ་དན་ཏིག་གི་གནས་སུ་སྤྱུགས། རིའི་དྲུང་དུ་ཆུ་ཆེན་པོ་བརྒལ་པས་མི་ཐར་པ་དང་། རི་དེ་ལ་དགེ་སློང་ཨ་ཙི་ཏ་བྱ་བ་སྒོམ་ལ་ལོ་བརྒྱར་གནས་པ་ཞིག་ཡོད་པ་དང་། གནས་ནས་ཀྱང་རྒྱལ་བུས་རང་གི་བཙུན་མོ་སྲས་མིང་སྲིང་བཅས་སྦྱིན་པར་བཏང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན། རྒྱལ་བུ་བདག་ཅག་གི་སྟོན་པ་དང་། དགེ་སློང་ནི་མོའུ་འགལ་གྱི་བུ་ཡབ་ཡུམ་ཟས་གཙང་དང་སྒྱུ་འཕྲུལ། བཙུན་མོ་སོགས་གྲགས་འཛིན་སོགས་སུ་གསུངས་པའི་གནས་སུ་ངོས་འཛིན། |
Domain | ཆོས་ལུགས། |
{{#arraymap:ཐུབ་པའི་སྐྱེས་རབས་དོན་ཀུན་གྲུབ་པ་
|; |@@@ | | }}