22383
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་གནས་དང་གནས་མ་ཡིན་པ་ཤེས་པ། ལས་ཀྱི་རྣམ་པར་སྨིན་པ་ཤེས་པ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཤེས་པ། དབང་པོ་དང་། བརྩོན་འགྲུས་རྣམ་པ་ཐ་དད་པ་ཡོངས་སུ་རྫོགས་པ་མཆོག་དང་ཐ་མ་ཤེས་པ། མོས་པ་ཐ་དད་པ་དང་མོས་པ་དུ་མ་ཤེས་པ། ཁམས་ཐ་དད་པ་དང་ཁམས་དུ་མ་ཤེས་པ། ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ། བདག་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཤེས་པ། རྗེས་སུ་དྲན་པ་བསྒྲིབས་པ་མེད་པ་ཤེས་པ། ཆགས་པ་མེད་པའི་ལྷའི་མིག་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་དུ་ཟག་པ་མེད་པ་ཤེས་པའོ། ། |
Domain | ཆོས་ལུགས། |
{{#arraymap:ཐུབ་པར་དཀའ་བའི་གནད་བཅུ་
|; |@@@ | | }}