22387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུབ་བསྟན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན། ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་བྱི་ལོར་དྭགས་པོ་གླང་མདུན་དུ་འཁྲུངས། ས་ཡོས་ལོར་རྩེ་ཕོ་བྲང་གི་གསེར་ཁྲིར་གདན་འདྲེན་ཞུས། ཤིང་ལུག་ལོར་བོད་ཀྱི་རྒྱལ་སྲིད་ཆོས་སྲིད་བཞེས། ལྕགས་བྱི་ལོར་མཚན་ཞབས་སོག་པོ་རྡོ་རྗེ་ཟེར་བ་ཨུ་རུ་སུ་རྙིང་པར་སྐུ་ཚབ་ཏུ་བཏང༌། ཤིང་འབྲུག་ལོར་དབྱིན་ཇིས་ལྷ་སར་བཙན་འཛུལ་བྱས་རྐྱེན་སོག་ཡུལ་བརྒྱུད་ནས་ས་སྤྲེལ་ལོར་པེ་ཅིན་དུ་ཕེབས་ཏེ་གོང་མ་ཀྭང་ཞུ་ལ་མཇལ་འཕྲད་ཞུས། ས་བྱ་ལོར་པེ་ཅིང་ནས་བོད་དུ་ཆིབས་བསྒྱུར་གནང་བའི་ལྕགས་ཁྱི་ལ་རྒྱ་གར་དུ་བྱོན་ཏེ་ཆུ་བྱི་ལོར་བོད་དུ་འཁོར། ཆུ་བྱ་ལོར་སྐུ་གཤེགས།

{{#arraymap:ཐུབ་བསྟན་རྒྱ་མཚོ་

|; |@@@ | | }}