22389
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་ཉེར་གཉིས་པ། ཕྱི་ལོ་ ༡༩༡༣ ལོར་རི་ཆེ་སེར་རྡོ་བོན་དཀར་ཚང་དུ་ཡབ་འཕགས་མཆོག་གོང་མའི་གཅུང་པོ་རིག་འཛིན་དང་། ཡུམ་སྐྱ་བཟའ་དགའ་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ལར་སྤྲུལ་སྐུ་ངོ་འཛིན་ཆོག་པ་ཞུས་པའི་ཆོག་མཆན་ལྟར་རི་ཆེ་གསར་མ་གྲྭ་ཚང་དུ་གདན་དྲངས། ཡང་དགོན་དུ་ཚེ་ལྷ་རྣམ་གསུམ་གྱི་གསེར་ཟངས་སྐུ་དང་། བཀའ་འགྱུར་སོགས་བཞེངས། ཕྱི་ལོ་ ༡༩༥༤ ལོར་ཀཿཐོག་ནས་མཁན་པོ་པདྨ་རང་གྲོལ་གདན་དྲུངས་ནས་རི་ཆེའི་ལྷ་ལུང་འབྲུག་པ་ཁར་མཚན་ཉིད་གྲྭ་བཞི་བཅུ་ཞེ་གཉིས་ཡོད་པ་གསར་འཛུགས་གནང་། མཐར་ས་ལུགས་ཕྱི་ལོ་ ༡༩༧༩ལོར་ཆབ་མདོར་སྐུ་གཤེགས། |
{{#arraymap:ཐུབ་བསྟན་རྣམ་རྒྱལ་
|; |@@@ | | }}