22390

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༡༠༣ དགའ་ཁྲི་༩༧ པ་རྒྱལ་བའི་ཡོངས་འཛིན་སྐུ་བགྲེས། སྐྱབས་རྗེ་གླིང་ཁྲི་རྡོ་རྗེ་འཆང་མཆོག་ནི། འཁོར་ལོ་སྡོམ་པའི་གནས་ཡབ་ཕུ་ཞེས་པའི་ས་ཁུལ་དཀར་བོག་ཅེས་པའི་གྲོང་ཁྱིམ་དུ་༡༩༠༣ ཟླ་བ་༡༡ པའི་ཚེས ༦ ཉིན་ཡབ་ཀུན་དགའ་ཚེ་རིང་དང་། ཡུམ་བསོད་ནམས་བདེ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་༡༠ ཕེབས་པ་ ༡༩༡༢ ལོར་དཔལ་ལྡན་འབྲས་སྤུངས་སུ་ཆོས་བཞུགས་མཛད་དེ་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་མཛད། ༡༩༡༣ ལོར་རྒྱལ་དབང་སྐུ་ཕྲེང་༡༣ པ་ཆེན་པོས་ཞལ་སྔ་ནས་ཡོངས་རྫོགས་དགེ་བསྙེན་དང་བར་མ་རབ་བྱུང་གི་དགེ་ཚུལ་གྱི་བསླབ་སྡོམ་རིམ་བཞིན་བཞེས། དགུང་གྲངས་ ༢༠ ཕེབས་པར་རྒྱལ་བ་བཅུ་གསུམ་པ་ཆེན་པོས་ཞལ་སྔ་ནས་མཁན་སློབ་སྦྲགས་མ་མཛད་དེ་དགེ་སློང་གི་དངོས་པོ་རྣམ་པར་དག་པ་བཞེས། དགུང་གྲངས་ ༢༢ ཕེབས་པར་མཁས་མང་བྱེ་བའི་དབུས་ན་གཞུང་ཆེན་བཀའ་པོད་ལྔ་ལ་དམ་འཇོག་མཛད། དགུང་གྲངས་༢༣ཕེབས་པ་རྒྱུད་གྲྭའི་སྔགས་ཀྱི་དམ་འཇོག་མཛད། ༡༩༣༦ དགུང་གྲངས་༣༤ ཕེབས་པ་རྒྱུད་སྟོད་གྲྭ་ཚང་གི་བླ་དབུ་དང་མཁན་ཁྲིར་ཕེབས་ཏེ་མཛད་འཕྲིན་རྣམས་ཉམས་མེད་བསྐྱངས་གནང་མཛད། ཁྲི་ལོ་གཉིས་པའི་ཐོག་རྒྱལ་མཆོག་བཅུ་བཞིའི་མཚན་ཞབས་བསྐོ་བཞག་གནང་། ༡༩༤༡ དགུང་གྲངས་༣༩ ལོར་ཡོངས་འཛིན་ཆུང་བའི་མཚན་འཁུར་བཞེས། ༡༩༤༩ དགུང་གྲངས་༤༧ ཕེབས་པ། ཤར་པ་ཆོས་རྗེའི་ཁྲིར་འཁོད། ༡༩༥༣ དགུང་གྲངས་༥༡ ཕེབས་པར་ཡོངས་འཛིན་ཆེ་བའི་མཚན་གནས་རིམ་བཞེས་དང་འབྲེལ་རྒྱལ་དབང་མཆོག་ལ་གཞུང་ཆེན་ཐུགས་གཉེར་དང་དབང་ལུང་ཁྲིད་སོགས་མན་ངག་རྣམས་རིམ་འབུལ་མཛད། རྒྱལ་དབང་མཆོག་ནས་དགའ་ལྡན་ཁྲི་ཐོག་གོ་བདུན་པའི་ཁྲི་འཛིན་སྦུག་དམ་བཀའ་ཡིག་རིན་པོ་ཆེ་ཕེབས་དོན་བཞིན་མཚན་བཞེས་ཐོག། ༡༩༦༥ ལོར་གནས་མཆོག་རྡོར་གདན་དུ་ཁྲི་འཛིན་གསར་པའི་མཛད་སྒོ་བསྐྱངས། དགའ་ལྡན་ཁྲི་འཛིན་བཞེས་ནས་བཟུང་འཇམ་མགོན་ཙོང་ཁ་པ་ཆེན་པོས་ཡ་གྱལ་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་ཕེབས་ཏེ་ཁྲི་པའི་གནང་སྒོ་ལེགས་སྐྱོང་ཐོག་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་སྐྱོང་གནང་མཛད་མུར། ༡༩༨༣ ལོར་བཞུགས་སྒར་དྷ་རམ་ས་ལར་རེ་ཞིག་སྐུའི་བཀོད་པ་བསྡུ་བར་མཛད་པའི་སྐུ་གདུང་རིལ་པོ་བྱིན་རླབས་གཟི་འོད་འབར་བ་ཕོ་བྲང་དུ་བཞུགས་ཤིང་། སྲིད་ན་དཀོན་པའི་རིང་སྲེལ་བྱུར་བུར་བཀང་བའི་གསེར་གདུང་རིན་པོ་ཆེ་ངོ་མཚར་ཅན་འབྲས་སྤུངས་ཆོས་སྒར་གྱི་འདུ་ཁང་དུ་བཞུགས། །

{{#arraymap:ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་

|; |@@@ | | }}