22411
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བདུན་པའི་མགོར་མཚོ་སྔོན་ཐུའུ་བཀྭན་གྱི་རིགས་སུ་འཁྲུངས། གཞོན་ནུའི་སྐབས་སུ་རབ་ཏུ་བྱུང་། གཙང་དུ་ཕེབས། བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས། པཎ་ཆེན་བློ་བཟང་ཆོས་རྒྱན་བསྟེན། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་གསན། བཀྲ་ཤིས་ལྷུན་པོར་གཞུང་ལུགས་རབ་འབྱམས་སྤྱི་དང་། ཁྱད་པར་དུ་ཚད་མ་རྣམ་འགྲེལ་ལ་མཁས་པའི་ཕུལ་དུ་ཕྱིན། མདོ་སྨད་དུ་བྱོན། ཏས་ཐུང་དགོན་པ་ཆེ་བའི་བླ་མ་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ཕྱི་ལོ ༡༦༧༢ ལོར་དགོན་ལུང་བྱམས་པ་གླིང་གི་ཁྲིར་ཕེབས། དགོན་ལུང་བྱམས་པ་གླིང་གི་མཁན་རབས་བཅུ་བདུན་པ་ཡིན། |