22412
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༦༨༠ ལོར། མདོ་སྨད་ཙོང་ཁའི་ཉེ་འདབས་སུ་འཁྲུངས། དབུས་སུ་སྒོ་མང་ཆོས་གྲྭར་ཞུགས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་ཟབ་གནད་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་གསན། སླར་མདོ་སྨད་དུ་ཕེབས་ནས་ཐུགས་དམ་ཉམས་བཞེས་ལ་འགྲུས་པར་མཛད། རྒྱ་ནག་གོང་མས་མཆོད་གནས་སུ་བཀུར་ཏེ་པེ་ཅིང་དུ་རྒྱུན་རིང་བཞུགས། ཧར་ཆེན་ཧོ་ཤོ་ལྔའི་ཛ་སག་དཔོན་པོ་རྣམས་ཀྱིས་གཙོས་ཚོ་ཆེན་ཞེ་དགུ། དར་ཚོ་བརྒྱད། ཚོ་བདུན་སོགས་ཀྱི་ཝང། པའི་ལི། པེའི་སི། གུང་སོགས་དཔོན་ཆེ་ཆུང་འབངས་དང་བཅས་པས་བླ་མར་བཀུར་ནས་བཀུར་སྟི་མཛད། དགུང་ལོ་ང་བདུན་བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་ཕྱི་ལོ་ ༡༧༣༦ ལོར་མདོ་སྨད་དུ་སྐུ་གཤེགས། |