22426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུར་མ་འཇམ་དབྱངས་དོན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་འབྲུག་ཕྱི་ལོ་ ༡༧༤༨ ལོར་མདོ་སྨད་ཧ་རོལ་ཅིན་དུ་འཁྲུངས། བློ་བཟང་བླ་མ་ལས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བསླབས། ཐར་མི་ཆི་ལས་རབ་བྱུང་བསྒྲུབས། ལྷ་མོ་དབྱངས་ཅན་མ་བསྒྲུབས་པས་ཤེས་རབ་འཕེལ། བླ་བྲང་གི་ཆོས་གྲྭར་ཞུགས། མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་། སྒྲ། སྙན་ངག་རྩིས་དཀར་ནག་ཀུན་ལ་སྦྱངས། རིས་མེད་ཀྱི་མན་ངག་མང་པོ་རྩལ་འདོན་དང་། རབ་གནས། སྦྱིན་སྲེག སྨན་དཔྱད་སྣ་ཚོགས། གཏོར་མའི་བཅའ་བཟོ། ལས་རིམ། གཟུངས་གཞུག བཟོའི་འཕྲུལ་དུ་མ། འཁོར་ལོ་བྲི་ལྟེབས་སོགས་ལ་མངའ་བརྙེས། ལྔ་བཅུ་བར་གྲྭ་ཚང་གི་དགེ་བསྐོས་གནང་། དོན་གཉིས་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༢༠ ལོར་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲིར་བཞུགས། གྱ་གཉིས་པ་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ཕྱི་ལོ་ ༡༨༣༠ ལོར་སྐུ་གཤེགས། བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བརྒྱད་པ་ཡིན།