22440
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཉིས་པའི་སྟོད་དུ་སྐུ་འཁྲུངས། བྱ་ཁང་བ་བསོད་ནམས་རིན་ཆེན་སློབ་དཔོན་དུ་བསྟེན། མདོ་རྒྱུད་གཉིས་ལ་སྦྱངས། ཆོས་རིམ་ལྔའི་མན་ངག་དང་བཅས་པ་ཐུགས་སུ་ཆུད། ལོ་བཅུ་གཉིས་རིང་ཤམ་ཐབས་མ་གྱོན་པར་སྟན་ཐོག་གཅིག་ཏུ་བསྒོམས། གྲུབ་པ་བརྙེས། བསྐྱེད་རིམ་ལ་བརྟན་པ་ཐོབ། ལྷ་ཡིས་ཞལ་གཟིགས། རྫོགས་རིམ་ལ་རྟགས་ཐོན། ངག་རྡོ་རྗེའི་བཟླས་པ་འབྱོངས། སྣང་བ་ཐམས་ཅད་སྒྱུ་མར་ཤར། ཐུགས་འོད་གསལ་གྱི་ངང་ལ་བཞུགས། ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས། ཐ་དད་ཀྱི་རྟོག་པ་ཐམས་ཅད་བཅོམ། སློབ་མ་ནི་ཐང་བེ་བ་འཕགས་པ་སྐྱབས་ཡིན། ། |