2245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ཤེས་བྱེད་པའི་དབང་པོ་ (1)
Part of speech མིང་ཚིག
Definition མདོ། ཟག་མེད་ཀྱི་དབང་པོ་གསུམ་གྱི་ཡ་གྱལ། མཐོང་ལམ་པའི་རྒྱུད་ཀྱི་དབང་པོ་དགུ་པོས་མཐོང་སྤང་གི་ཉོན་མོངས་སྤངས་ནས་སྔར་མི་ཤེས་པ་ཀུན་ཤེས་པར་བྱེད་པའོ། །
Domain ཆོས་ལུགས།
ཀུན་ཤེས་བྱེད་པའི་དབང་པོ་ (2)
Part of speech མིང་ཚིག
Definition བདེན་པ་བཞི་པོ་གང་རུང་གི་དོན་སྔར་མི་ཤེས་པ་གསར་དུ་ཤེས་པར་བྱེད་པ་དང། དེའི་རིགས་གནས་གང་རུང་གིས་བསྡུས་པའི་རྣམ་བྱང་གི་དབང་པོ་དེ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་མཚན་ཉིད་དོ། །དབྱེ་ན་དད་པའི་དབང་པོ་སོགས་ལྔ། ཡིད་ཀྱི་དབང་པོ། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས་ཀྱི་དབང་པོ་དང་བཅས་པ་དགུ་ཡོད་པ་ཡིན་ཏེ། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད། །ཅེས་གསུངས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །སྒྲ་དོན་ནི། ཟག་མེད་ཡིན་པའི་དབང་པོ་གང་ཞིག་མཐོང་ལམ་ཡིན་པ་དེ་ནི། མཐོང་སྤང་སྤོང་བ་ལ་ལྷག་པར་དབང་བྱེད་པའི་ཕྱིར་དང་། བདེན་པའི་དོན་སྔར་མི་ཤེས་པ་ཤེས་པར་བྱའོ་སྙམ་དུ་ཞུགས་པའི་དབང་པོ་ཡིན་པའི་ཕྱིར་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །