22456
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཅུང་ཟད་ཀྱི་དོན་ཏེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། ཐེ་གི་དང་ཐ་གི་ནི་ཅུང་ཟད་དམ་ཅུང་ཞིག་གམ་སྙིང་པོ་དང་ཞི་བ་ལ་ཡང་འཇུག ཅེས་གསུངས། |
| Example | འདུལ་བ་ལུང་ཕྲན་ཚེགས་ཀྱི་གཞི་ལས། བུ་མོ་ད་ནི་ཐེ་གི་ན་ན་ཅིག་ང་ལྟར་མི་འོང་ངམ། དེས་ཁྱེད་ན་བར་མི་ཤེས་སོ། །ཞེས་པ་ལྟ་བུའོ། ། |