2246

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ཤེས་ལྡན་པའི་དབང་པོ་ (1)
Part of speech མིང་ཚིག
Definition མདོ། དགྲ་བཅོམ་པའི་རྒྱུད་ཀྱི་མི་སློབ་ལམ་གྱི་ངོ་བོར་གྱུར་པའི་དད་སོགས་ལྔ་ལ་ཀུན་ཤེས་ལྡན་པའི་དབང་པོ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། འདིར་བསྟན་མི་སློབ་པའི་རྟོགས་པ་ཐོབ་ཅིང། རང་གི་དབང་བྱ་ལ་ལྷག་པར་དབང་བྱེད་པའི་དད་སོགས་ཆོས་ལྔ་གང་རུང་གིས་བསྡུས་པའི་ཟག་མེད་ཀྱི་དབང་པོའི་ཡེ་ཤེས། ཀུན་ཤེས་ལྡན་པའི་དབང་པོའི་མཚན་ཉིད། ཅེས་གསུངས།
Domain ཆོས་ལུགས།
ཀུན་ཤེས་ལྡན་པའི་དབང་པོ་ (2)
Part of speech མིང་ཚིག
Definition བདེན་པ་ཀུན་ཤེས་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་ལྡན་པའི་རྣམ་བྱང་གི་དབང་པོ་དེ་ཀུན་ཤེས་ལྡན་པའི་དབང་པོའི་མཚན་ཉིད། འདི་དང་མི་སློབ་ལམ་དུ་གྱུར་པའི་དབང་པོ་དོན་གཅིག དབྱེ་ན་དད་པའི་དབང་པོ་སོགས་ལྔ། ཡིད་ཀྱི་དབང་པོ། ཚོར་བ་བདེ་བ། ཡིད་བདེ། བཏང་སྙོམས་ཀྱི་དབང་པོ་དང་བཅས་པ་དགུ་ཡོད་པ་ཡིན་ཏེ། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་གསུམ་ནི་དྲི་མ་མེད། །ཅེས་གསུངས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། སྒྲ་དོན་ནི། ཉོན་མོངས་ལས་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་སོ་སོར་མྱོང་བས་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་ལྷག་པར་དབང་བྱེད་པའི་ཕྱིར་དང་། ཀུན་ཤེས་ཤིང་རྟོགས་པ་འདི་ལ་ཡོད་པས་སམ། ཀུན་ཤེས་པ་སྲུང་བའི་ངང་ཚུལ་ཅན་ཡིན་པས་ན་ཀུན་ཤེས་པ་དང་ལྡན་པ་ཡིན་ལ་དེའི་དབང་པོ་ཡིན་པས་ཀུན་ཤེས་ལྡན་པའི་དབང་པོའོ། །ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །
ཀུན་ཤེས་ལྡན་པའི་དབང་པོ་ (3)
Part of speech མིང་ཚིག
Definition དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ནང་གསེས་ཤིག མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་དབང་བྱེད་དེ། རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་ཉམས་སུ་མྱོང་བའི་ཕྱིར་དང་། མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་ལ་ནི་ཀུན་ཤེས་སོ་སྙམ་དུ་རྟོགས་པ་ནི་ཀུན་ཤེས་པ་སྟེ། དེ་འདི་ལ་ཡོད་པས་སམ། འདི་ཀུན་ཤེས་པ་སྲུང་བའི་ངང་ཚུལ་ཅན་ཡིན་པས་ན་ཀུན་ཤེས་པ་དང་ལྡན་པའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་ཕྱིར། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་སྙམ་པ་སྟེ། དེ་ལྟ་བུའི་དབང་པོ་ནི་ཀུན་པ་དང་ལྡན་པའི་དབང་པོ་ཡིན་ནོ། །
ཀུན་ཤེས་ལྡན་པའི་དབང་པོ་ (4)
Part of speech མིང་ཚིག
Definition ཟག་མེད་ཀྱི་དབང་པོ་གསུམ་གྱི་ནང་གསེས། མི་སློབ་པའི་རྒྱུད་ཀྱི་དབང་པོ་དགུ་པོ་དེ་དག་ཉིད་མཐོང་སྒོམ་གྱི་ཉོན་མོངས་མ་ལུས་པར་སྤངས་ཏེ་ཟད་མི་སྐྱེ་བའི་ཡེ་ཤེས་དང་ལྡན་པའོ། །