22465
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་མེ་སྟག་ཕྱི་ལོ་ ༡༨༠༦ ལོར་འཁྲུངས། གཞོན་དུས་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་ཞུགས་མཛད། གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་མཛད། སོ་བཞི་བ་རབ་བྱུང་བཅུ་བཞི་བའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་གཞུང་གི་བཀའ་བཞིན་མདོ་སྨད་ཕེབས། ཨ་མདོའི་ཡུལ་ཏུ་རྒྱལ་བ་སྐུ་ཕྲེང་བཅུ་བའི་གསེར་སྡོང་བཞེངས་རྒྱུར་འབུལ་སྡུད་མཁན་པོར་ཕེབས། ཞེ་གཅིག་པ་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་སྐུ་གཤེགས། གསུང་རྩོམ་ནི་བྱང་ཆུབ་ལམ་གྱི་རིམ་པ་ཆུང་ངུའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་མུ་ཏིག་ཕྲེང་བ་དང་རྟེན་དང་བརྟེན་པ་བཅས་པའི་དཀར་ཆག་ཆེད་དུ་བརྗོད་པ་རྣ་བའི་བཅུད་ལེན། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོའི་འགྲེལ་བ་གདུང་སེལ་ག་བུར་གསར་པའི་ཆུ་རྒྱུན་བཅས་ཆོས་ཚན་བཞི་ལོངས་པའི་པོད་གཅིག་བཞུགས། |