22466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེ་བོ་ལུང་བཟང་ནང་པ་བློ་བཟང་བསམ་གཏན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༦༨༧ ལོར་ཐེ་བོ་སྟོད་མ་དྲེད་ལུང་ཡ་རེ་བྱ་བའི་གྲོང་དུ་དཔལ་ཚའི་རིགས་སུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་འབྲུག་ལོ་འམ་སྦྲུལ་ཕྱི་ལོ་ ༡༧༤༨། ༡༧༤༩ ལོར་སྐུ་གཤེགས་པ། བཅུ་གཉིས་པར་བྲག་དགོན་བླ་མ་བསྟན་པ་དར་རྒྱས་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། ཉི་ཤུ་བར་ཆས་པ་བློ་བཟང་འཕྲིན་ལས་ལས་བསྙེན་པར་རྫོགས། ཉེར་བརྒྱད་པར་དབུས་མཇལ་དུ་ཕེབས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་ཞུས། རྗེ་དཀོན་མཆོག་བཀྲ་ཤིས་ལས་འཇམ་དཔལ་ཞལ་ལུང་གི་ཁྲིད་གསན། རྒྱལ་དབང་བསྐལ་བཟང་རྒྱ་མཚོར་མཇལ། སུམ་ཅུ་བར་མདོ་སྨད་དུ་ཕེབས། ཨང་སྨོན་དཔོན་སློབ་བླ་མའི་གཙོ་བོར་བསྟེན། གདམས་པ་མཐའ་དག་ཞུས། ཁྱ་དགེ་དཔོན་སློབ་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ། བྲག་དགོན་བླ་མའི་སྤྲུལ་སྐུ། བཀའ་འགྱུར་པ་བློ་བཟང་ཉི་མ་སོགས་བཤེས་གཉེན་དུ་མ་བསྟེན། སློབ་གཉེར་ལ་དཀའ་སྤྱད་རྒྱ་ཆེར་མཛད། སོ་དྲུག་པར་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་བཏབ། ང་བརྒྱད་པར་རི་ཁྲོད་དུ་འདུ་ཁང་རྟེན་དང་བརྟེན་པ་མང་པོ་བཞེངས། གསུང་རྩོམ་ནི་རང་རྣམ་ཚིགས་བཅད་མ་དང་། ཐོབ་ཡིག་སེལ་དཀར་མེ་ལོང་། སོགས་རྣམས་ཐར་དང་གཞུང་འགྲེལ། བསླབ་བྱ། སྒྲུབ་ཐབས། དཀར་ཆག བཅའ་ཡིག་བཅས་ཁྱོན་བསྡོམས་ལེ་ཚན་བཞི་བཅུར་ཉེ་བ་པོ་ཏི་གསུམ་དུ་བཞུགས།