22475

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེ་ཚོམ་ (1)
Part of speech མིང་ཚིག
Definition བློ་རིག་བདུན་གྱི་ནང་གསེས། རང་ཡུལ་ལ་བློ་རྩེ་གཉིས་སུ་འཇུག་པའི་ཉོན་མོངས་ཅན་གྱི་ཤེས་པ། དབྱེ་ན། ཐེ་ཚོམ་མངོན་དུ་རྒྱུ་བ། ཐེ་ཚོམ་བག་ལ་ཉལ་བ། དོན་འགྱུར་བའི་ཐེ་ཚོམ། དོན་མི་འགྱུར་བའི་ཐེ་ཚོམ་བཅས།
Keyword True
Example སྒྲ་རྟག་གམ་མི་རྟག་སྙམ་པ་དང༌། དུ་ལྡན་གྱི་ལ་ལ་མེ་ཡོད་དམ་མེད་སྙམ་པ་ལྟ་བུ་སྟེ་རྩ་ཉོན་དྲུག་གི་ཡ་གྱལ་ཞིག་ཀྱང་ཡིན་ནོ།
Domain ཚད་མ།

{{#arraymap:ཐེ་ཚོམ་

|; |@@@ | | }}

ཐེ་ཚོམ་ (2)
Part of speech མིང་ཚིག
Definition ཚད་མིན་བློ་ལ་ལྔར་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཐེ་ཚོམ་གྱི་མཚན་ཉིད། ཡུལ་མ་ངེས་པར་ཞེན་པའི་བློ། དབྱེ་ན། ཐེ་ཚོམ་མངོན་དུ་རྒྱུ་དང་བག་ལ་ཉལ་གཉིས། ཞེས་གསུངས།

{{#arraymap:ཐེ་ཚོམ་

|; |@@@ | | }}

ཐེ་ཚོམ་ (3)
Part of speech མིང་ཚིག
Definition ཐེ་ཚོམ་ཞེས་པ་རང་ཡུལ་ལ་དོགས་པའི་ཤེས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་ལུགས་ནི། རང་ཡུལ་ལ་དོགས་པའི་རིག་པ་ཐེ་ཚོམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་ལས། དང་པོ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་སྙམ་དུ་འཛིན་པའི་བློ་ལྟ་བུ། གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་སྙམ་དུ་འཛིན་པའི་བློ་ལྟ་བུ། གསུམ་པ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་གཉིས་ཀ་ཡིན་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །ཞེས་གསུངས།

{{#arraymap:ཐེ་ཚོམ་

|; |@@@ | | }}

ཐེ་ཚོམ་ (4)
Part of speech མིང་ཚིག
Definition ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོས་མཛད་པའི་བློ་རིག་ལྟར་ན། རང་སྟོབས་ཀྱི་མཐའ་གཉིས་སུ་དོགས་པའི་རིག་པ། ཐེ་ཚོམ་གྱི་མཚན་ཉིད། ཐེ་ཚོམ་དང་མཚུངས་ལྡན་གྱི་སེམས་དང། དེའི་འཁོར་དུ་གྱུར་བའི་ཚོར་བ་སོགས་ནི་ཐེ་ཚོམ་གྱི་སྟོབས་ཀྱི་དོགས་ཀྱི་རང་སྟོབས་ཀྱིས་མཐའ་གཉིས་སུ་དོགས་པ་མ་ཡིན་ནོ་ཞེས་ཐེ་ཚོམ་ལ་སེམས་བྱུང་དགོས་པར་གསུངས།

{{#arraymap:ཐེ་ཚོམ་

|; |@@@ | | }}

ཐེ་ཚོམ་ (5)
Part of speech མིང་ཚིག
Definition རང་ཡུལ་ལ་དྭོགས་པའི་སེམས་བྱུང་། དེ་ལ་གསུམ་སྟེ་དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་མོ། །
Synonyms ནེམ་ནུར། འཕྱང་མོ་ཉུག་མ་ངེས། ཡིད་གཉིས། སོམ་ཉི།
Antonyms ངེས་པ།

{{#arraymap:ཐེ་ཚོམ་

|; |@@@ | | }}