22477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེ་ཚོམ་གྱི་གཞན་སེལ་ (1)
Part of speech མིང་ཚིག
Definition པཎ་ཆེན་ཤཱཀྱ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས། སེལ་ངོར་གཞལ་བྱ་རང་མཚན་འཛིན་པའི་ཐེ་ཚོམ་གྱི་ཡུལ་དུ་སོང་ཚོད་དེ་མཐའ་གཉིས་ལ་འཇུག་པ་ཐེ་ཚོམ་གཞན་སེལ་གྱི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་དངོས་པོར་འཛིན་པའི་ལོག་ཤེས་དེ་དངོས་པོ་ཡིན་མིན་སོམ་ཉི་ཟ་བའི་ཐེ་ཚོམ་གྱི་ཡུལ་དུ་སོང་བ་ལྟ་བུའོ། །ཞེས་དང། ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས། གཉིས་ཆར་དོགས་པ་ཐེ་ཚོམ་གྱི་གཞན་སེལ་ནི། ཐེ་ཚོམ་ཡང་རྟོག་པ་ལས་མ་འདས་པས་གང་ལ་དོགས་པ་དེ་དེ་མིན་རྣམ་པར་བཅད་པར་སྣང་བ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།