22479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེ་ཚོམ་གྱི་དཔེ་ (1)
Part of speech མིང་ཚིག
Definition སྙན་ངག་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་གཉིས་པ་དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅུ་གཉིས་པ་སྟེ། དཔེའི་ཁྱད་གཞི་དང་། དེའི་ཁྱད་ཆོས་གཉིས་སོ་སོར་ཐེ་ཚོམ་གྱི་སྒོ་ནས་དཔེ་དོན་མཚུངས་པར་བྱས་པ་ཚིག་གི་ལམ་ནས་གསལ་བར་ཐོན་ཅིང་། དཔེ་ཅན་དངོས་དང་དཔེ་གཉིས་ཀྱི་དབྱེ་བ་འབྱེད་མ་ནུས་པར་ཐེ་ཚོམ་ཟ་བར་བརྗོད་པའི་རྒྱན་ཞིག
Example བོད་མཁས་པས། འདོད་དགུ་སྦྱིན་པའི་ས་བརྟོལ་ལྗོན་པ་ལ། །ཐུན་མཚམས་ཆུ་འཛིན་གཞོན་ནུས་མཛེས་སམ་ཅི། ། ཡང་ན་རྣམ་འདྲེན་ཁྱོད་སྐུ་ངུར་སྨྲིག་གིས། །འཁྱུད་པ་ལགས་སྙམ་བདག་ཡིད་འཕྱང་མི་ཉུག ། ཅེས་པ་ལྟ་བུ།
Domain རྩོམ་རིག