22480
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྙན་ངག་གི་སྐྱོན་སེལ་གྱི་རྒྱན་གྱི་ནང་གསེས་བཞི་པ་སྟེ། རྗོད་བྱེད་ཀྱི་ཚིག་གང་གིས་བརྗོད་བྱའི་དོན་དངོས་ལ་ངེས་པ་སྐྱེད་མི་ཐུབ་པའི་སྟེང་དུ་སླར་ཡང་ཐེ་ཚོམ་སྐྱེད་པར་བྱེད་པ་ཞིག་ཡིན་མོད། འོན་ཀྱང་དཔེ་དོན་གཉིས་མཚུངས་པར་སྟོན་པ་དང་རབ་རྟོག་གི་རྒྱན་ལྟ་བུ་ལ་ནི་ཐེ་ཚོམ་གྱི་ཚིག་བརྗོད་པ་ཚིག་རྒྱན་དུ་འགྲོ་བ་མ་གཏོགས་སྐྱོན་དུ་མི་འགྱུར། འདི་ལ་ཐེ་ཚོམ་ཅན་གྱི་སྐྱོོན་ཡང་ཟེར། |
| Example | བོད་མཁས་པས། སྐྱེད་མོས་ཚལ་ནང་སྦྲང་རྩིའི་ཕོ་ཉ་ནི། །འདབ་མ་རབ་རྒྱས་ཡན་ལག་རྣམ་འགྱུར་གྱི། ། མངོན་འདོད་བསླབ་པ་སྟེར་མོད་དེ་རང་ཉིད། །སྲོག་དང་བཅས་པ་ཡིིན་མིན་ཆ་མ་འཚལ། །ཞེས་དང་། དེའི་དམིགས་བསལ་གྱི་དཔེར་བརྗོད་ལ། བོད་མཁས་པས། ཕྱག་ན་པདྨོ་ཅན་གཤེགས་དམྱལ་བའི་གནས། །བུང་བའི་ཚོགས་ཆེན་རབ་དཀྲིགས་འཇམ་པའི་སྒྲ། །སྒྲོགས་པ་པདྨོའི་རྫིང་བུ་ཡིད་འོང་གིས། །ཡོངས་བསྟེན་ཆར་ཟིམ་དལ་གྱིས་འབབ་པར་གྱུར། །ཅེས་པ་ལྟ་བུ། |
| Domain | རྩོམ་རིག |