22481
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་ཉི་ཤུ་པ་སྟེ། བརྗོད་བྱའི་ཡུལ་མི་འདྲ་བ་གཉིས་དབྱེ་བ་འབྱེད་མ་ནུས་པར་ཐེ་ཚོམ་གྱིས་གཞིར་གྱུར་པ་དགག་བྱ། དེ་འགོོག་བྱེད་ནི། དངོས་ཡོད་ཀྱི་རྒྱུ་མཚན་ཡང་དག་པ་ལ་བརྟེན་ནས་ཡུལ་སོ་སོར་ངེས་པ་རྙེད་པའི་སྒོ་ནས་འཁྲུལ་ཡུལ་ཅིག་ཤོས་དེ་ཡུལ་དངོས་ཡིན་པར་འགོག་པ་ཞིག་ལ་ཟེར། |
| Example | བོད་མཁས་པས། ཅི་འདི་འབིགས་བྱེད་ངོས་ཀྱི་ཆུ་ཤིང་ངམ། །ཡང་ན་མཛེས་སྡུག་ཅན་དེའི་གཟུགས་ཀྱི་དཔལ། ། དལ་བུས་འགྲོས་ཀྱིས་ཉེ་བར་རྒྱུ་བྱེད་པའི། །རྣམ་འགྱུར་མཐོང་ཕྱིར་དེ་ནི་འཁྲི་ཤིང་མིན། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |