22482
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངོན་པ། ཐེ་ཚོམ་ཉོན་མོངས་ཅན་ཞེས་པ། བདེན་བཞི་དང་ལས་འབྲས་སོགས་ལ་དམིགས་ནས་མཐའ་གཉིས་སུ་དོགས་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཐེ་ཚོམ་གང་ཞེ་ན། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། ཐེ་ཚོམ་འདིས་དགེ་བའི་བྱ་བ་ཐམས་ཅད་ལ་བར་དུ་གཅོད་ཅིང་། ལྷག་པར་དུ་ཡང་བདེན་པ་མཐོང་བ་ལ་བར་དུ་གཅོད་ལ། བདེན་པ་མངོན་སུམ་དུ་མཐོང་བ་ན་འདི་བཟློག་པར་འགྱུར་བས་མཐོང་སྤངས་ཀུན་སྦྱོར་དུ་གསུངས་སོ། ། |
| Domain | ཆོས་ལུགས། |