22485

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེ་ཚོམ་ཕུལ་བྱུང་ (1)
Part of speech མིང་ཚིག
Definition སྙན་ངག་མེ་ལོང་མའི་དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་བཞི་ཡོད་པ་ལས་གཉིས་པ་སྟེ། འཇིག་རྟེན་གྲགས་ཚོད་ལ་དེ་ལྟར་འབྱུང་མི་སྲིད་པའི་ཐེ་ཚོམ་གྱི་གཞི་གང་ཞིག ཕུལ་དུ་བྱུང་བའམ་ངོ་མཚར་བའི་ཚིག་གི་སྒོ་ནས་བརྗོད་པའི་རྒྱན་ཞིག་སྟེ།
Example བོད་མཁས་པས། ཁྱོད་ཀྱི་མཁྱེན་པའི་ལམ་དུ་མ་སོང་བའི། །ཟབ་རྒྱས་ཆོས་ཀྱི་དགོངས་དོན་ཕྲ་མོ་འགའ། ། འཁོར་དང་མྱ་ངན་འདའ་བའི་ཡུལ་གར་ཡང་། །ཡོད་མེད་ཅི་ཞེས་བདག་ཡིད་འཕྱང་མོ་ཉུག ། ཅེས་པ་ལྟ་བུ།
Domain རྩོམ་རིག