2251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྣང་གི་གྲོང་ཁྱེར་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཕྱེད་སྣང་དང་ཀུན་སྣང་དང་མི་སྣང་བའི་གྲོང་ཁྱེར་གསུམ་གྱི་བར་མ་སྟེ། དེ་ལའང་ཕྱི་ནང་གསང་བའི་ཆ་གསུམ་ལས། ཕྱི་ཀུན་སྣང་གི་གྲོང་ཁྱེར་ནི་ཁམས་གསུམ་ལས་གཟུགས་ཁམས། དེར་ལུས་དང་གནས་ཀྱི་འོད་ཀྱིས་ཉིན་མཚན་མེད་པར་གསལ་བའི་ཕྱིར་དང་། ནང་ཀུན་སྣང་གི་གྲོང་ཁྱེར་ནི་སྒོ་གསུམ་ལས་ལུས། དེ་ཕྱི་ནང་གཉིས་ཀ་ལ་གསལ་བའི་ཕྱིར་དང་། གསང་བ་ཀུན་སྣང་གི་གྲོང་ཁྱེར་ནི་ཤེས་པ་ཚོགས་དྲུག དེ་ཕྱི་ནང་གཉིས་ཀར་གསལ་བའི་ཕྱིར་ནའོ། །
Domain ཆོས་ལུགས།