22513

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་ཀྱི་སྡེ་སྣོད་ལ་གྲགས་པའི་སྡོམ་གསུམ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ས་སྐྱ། ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་དང། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་དུ་གསུངས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་གྱི་ཐ་སྙད་ཀྱང་ཐོབ་ཅིང་། དཀོན་མཆོག་བརྩེགས་པའི་སྡོམ་གསུམ་བསྟན་པའི་ལེའུར། འདི་གསུམ་གྱི་རྣམ་བཞག་རྒྱས་པར་གསུངས་ནས་སྡོམ་གསུམ་བསྟན་པའི་ལེའུ་ཞེས་གསུངས་པས་ཀྱང་གྲུབ་བོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།