22522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་ཆོས་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་ཆེན་གྱི་ཆོས་སྒོམ་ལམ་གྱི་མཚན་ཉིད་ནི། རང་གཞན་གྱི་དོན་དུ་དགེ་རྩ་གསར་དུ་གསོག་པའི་རབ་ཏུ་ཕྱེ་བའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དེ་ལ་དབྱེ་ན། ཐེག་ཆེན་གྱི་རང་དོན་དང། གཞན་དོན། གཉིས་དོན་སྨོས་པ་སྒོམ་ལམ་དང་གསུམ་དུ་ཡོད། རྒྱས་པར་དབྱེ་ན། གསུམ་པོ་དེ་རེ་རེ་ལ་ཡང་ཆུང་ངུའི་ཆུང་ངུ་སོགས་དགུ་དགུར་ཡོད་པའི་ཕྱིར། ས་མཚམས་ནི། ས་གཉིས་པའི་རྗེས་ཐོབ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད།
Domain ཆོས་ལུགས།