22524

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་གི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་ཐེག་ཆེན་གྱི་ལམ་སྟོན་པའི་དགེ་བའི་བཤེས་གཉེན། དེས་ན། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང་ཐེག་དམན་གྱི་དེ་གཉིས་མི་འགལ་ཏེ། མཆོག་གི་སྤྲུལ་སྐུ་དེ། རང་གི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་རྣམས་ཀྱི་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང༌། རང་གི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྣམས་ཀྱི་ཐེག་དམན་གྱི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར།