22529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་བསྔོ་བ་ (1)
Part of speech མིང་ཚིག
Definition ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཆོས་ཉིད་སྤྲོས་བྲལ་ངང་ནས་ནི། །དགེ་བ་ཇི་སྙེད་བྱས་པ་རྣམས། །འགྲུབ་བམ་གལ་ཏེ་མི་འགྲུབ་ཀྱང། །འགྲོ་བའི་དོན་དུ་བསྔོ་བྱེད་ན། །བྱང་ཆུབ་སེམས་དཔའི་བློ་སྦྱོང་ཡིན། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས། བློ་སྦྱོང་དུ་གྱུར་པའི་བསྔོ་བ་དེ་གང་ཞེ་ན། བསྔོ་རྒྱུ་བསྔོ་པ་པོ་གང་དུ་བསྔོ་བའི་ཡུལ་གསུམ་ཀ་ཆོས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་དུ་ཤེས་པའི་ངང་ནས་དགེ་བ་ཇི་སྙེད་དུས་གསུམ་དུ་བསགས་པའམ། རང་དང་གཞན་གྱིས་བྱས་པའམ། ངོ་བོ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་གང་ཡིན་ཀྱང་རུང་སྟེ་དེ་རྣམས་བསྔོས་པས་དོན་དུ་གཉེར་བྱ་བཞིན་འགྲུབ་བམ། གལ་ཏེ་མི་འགྲུབ་ཀྱང་རུང་། འགྲོ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱེད་ན་བསྔོ་བ་དེ་ནི། བྱང་ཆུབ་སེམས་དཔའི་བློ་སྦྱོང་དུ་གྱུར་པའི་བསྔོ་བ་ཡིན་ཏེ། ཀུན་སློང་བྱང་ཆུབ་ཀྱི་སེམས་དང་ལྟ་བ་སྤྲོས་བྲལ་ལ་བློ་བཞག་པའི་ཤེས་རབ་ཀྱིས་རྩིས་ཟིན་པའི་བསྔོ་བ་ཡིན་པའི་ཕྱིར། དེ་བས་ན་གང་ཟག་རང་གཞན་སུས་བྱས་ཀྱང་རུང། དུས་འདས་མ་འོངས་ད་ལྟར་ནམ་བྱས་ཀྱང་རུང། ངོ་བོ་སྦྱིན་པ་ཚུལ་ཁྲིམས་སྒོམ་པ་གང་གིས་བསྡུས་ཀྱང་རུང། སྦྱོར་བ་ལུས་ངག་ཡིད་གསུམ་གང་གིས་བསྒྲུབ་ཀྱང་རུང། འབྲས་བུ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པ་གང་དང་མཐུན་ཀྱང་རུང། དེ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བསྔོས་པས་དོན་ཆེན་པོར་འགྱུར་རོ། །ཞེས་གསུངས།
Domain ཆོས་ལུགས།