22530
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་གཞན་གྱི་དགེ་རྩ་བླ་མེད་རྫོགས་བྱང་གི་ཡན་ལག་ཏུ་བསྒྱུར་བར་བྱེད་པའི་རབ་ཏུ་ཕྱེ་བའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། ཐེག་ཆེན་གྱི་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་དེ་དང་། ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་དེ་གཉིས་སུ་ཡོད་ཅིང་། གྲོགས་ཀྱི་སྒོ་ནས་དབྱེ་ན། བསྔོ་བ་ཁྱད་པར་ཅན་གྱི་མིང་ཅན་གྱི་བསྔོ་བ་སྒོམ་ལམ། མི་དམིགས་པའི་རྣམ་པ་ཅན་གྱི་མིང་ཅན་གྱི་བསྔོ་བ་སྒོམ་ལམ། ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་གྱི་མིང་ཅན་གྱི་བསྔོ་བ་སྒོམ་ལམ། དབེན་པའི་མིང་ཅན་གྱི་བསྔོ་བ་སྒོམ་ལམ། སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་རང་བཞིན་དྲན་པའི་བསྔོ་བ་སྒོམ་ལམ། ཐབས་མཁས་དང་བཅས་པའི་མིང་ཅན་གྱི་བསྔོ་བ་སྒོམ་ལམ། མཚན་མ་མེད་པའི་བསྔོ་བ་སྒོམ་ལམ། སངས་རྒྱས་རྗེས་སུ་ཡི་རང་པའི་བསྔོ་བ་སྒོམ་ལམ། ཁམས་གསུམ་དུ་མ་གཏོགས་པའི་བསྔོ་བ་སྒོམ་ལམ། བསྔོ་བ་ཆུང་ངུའི་བསྔོ་བ་སྒོམ་ལམ། བསྔོ་བ་འབྲིང་གི་བསྔོ་བ་སྒོམ་ལམ། བསྔོ་བ་ཆེན་པོའི་བསྔོ་བ་སྒོམ་ལམ་དང་བཅུ་གཉིས་ཡོད་དེ། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེའི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང་། །སངས་རྒྱས་རྗེས་སུ་ཡི་རང་དང། །ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་མོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་གསུངས་པའི་ཕྱིར། ས་མཚམས། ས་གཉིས་པ་ནས་རྒྱུན་མཐའི་སྔ་ལོགས་བར་ན་ཡོད། |
| Domain | ཆོས་ལུགས། |