22533

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་མངོན་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་བསམ་གཏན་བཞི་པའི་དངོས་གཞི་ཤིན་ཏུ་དག་པ་བ་ལ་བརྟེན་ནས་རང་ཡུལ་མངོན་སུམ་དུ་མཐོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན། ཐེག་ཆེན་གྱི་རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་དང་། ཟག་པ་ཟད་པའི་མངོན་ཤེས་སོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །
Domain ཆོས་ལུགས།