22534

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་མཐོང་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དེ་ལ་གཙོ་ཆེ་བའི་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དང། དེ་རྗེས་ཐོབ་ཡེ་ཤེས་གཉིས་སུ་ཡོད་དོ། །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་གྱི་མཐོང་ལམ་

|; |@@@ | | }}

ཐེག་ཆེན་གྱི་མཐོང་ལམ་ (2)
Part of speech མིང་ཚིག
Definition ཕར་ཕྱིན། མཚན་ཉིད་ནི། རང་བཞིན་རྣམ་དག་གི་ཆོས་དབྱིངས་དང་པོར་མངོན་སུམ་དུ་མཐོང་བའི་མཉམ་གཞག་གི་རྒྱུན་གྱི་ཁོངས་སུ་གཏོགས་པའི་མཁྱེན་པ་གང་ཞིག འདི་ཕྱིའི་ཕན་ཡོན་གཉིས་དང་ལྡན་པ། དབྱེ་ན། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་ལ་རྗེས་ཤེས་ཀྱི་བར་བཅུ་དྲུག་གོ ། པཎ་ཆེན་ཤཱཀ་མཆོག་གིས། མཚན་ཉིད་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང། ཐེག་ཆེན་གྱི་སྒོམ་ལམ་མ་སྐྱེས་གོང་གི་བདེན་པ་མངོན་སུམ་དུ་རྟོགས་པའི་མཁྱེན་པའོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་སོ། །

{{#arraymap:ཐེག་ཆེན་གྱི་མཐོང་ལམ་

|; |@@@ | | }}

ཐེག་ཆེན་གྱི་མཐོང་ལམ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དེ་ལ་གཙོ་ཆེ་བའི་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དང། དེ་རྗེས་ཐོབ་ཡེ་ཤེས་གཉིས་སུ་ཡོད་དོ། །

{{#arraymap:ཐེག་ཆེན་གྱི་མཐོང་ལམ་

|; |@@@ | | }}

ཐེག་ཆེན་གྱི་མཐོང་ལམ་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དང༌། དེའི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་གཉིས་ཡོད། ཡང་དེ་ལ་དབྱེ་ན། འདའ་བྱའི་ཐེག་ཆེན་གྱི་དེ་དང༌། འདའ་བྱེད་ཀྱི་ཐེག་ཆེན་གྱི་དེ་གཉིས་ཡོད། རང་ཉིད་ལ་གནས་པའི་རྟེན་གྱི་གང་ཟག་གི་ཞར་བྱུང་གི་ཚུལ་གྱི་ཉམས་སུ་ལེན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། དང་པོའི་མཚན་ཉིད་ཡིན། རང་ཉིད་ལ་གནས་པའི་རྟེན་གྱི་གང་ཟག་གིས་གཙོ་བོར་ཉམས་སུ་ལེན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། གཉིས་པའི་མཚན་ཉིད་ཡིན། སྐྱེ་ཚུལ་ནི། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་རིམ་ཅན་དུ་སྐྱེ་བ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དང༌། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་གཉིས་རིམ་ཅན་དུ་སྐྱེ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་ཀྱང་ཐེག་ཆེན་གྱི་མཐོང་ལམ་བཟོད་པ་བརྒྱད་ཅིག་ཅར་དུ་སྐྱེ་ཞིང༌། དེའི་མཐོང་ལམ་ཤེས་པ་བརྒྱད་ཀྱང་ཅིག་ཅར་དུ་སྐྱེ་བ་ཡིན་ཏེ། དང་པོ་བརྒྱད་པོ་ཡིན་ཁྱབ་མཉམ་ཡིན་ཅིང༌། ཕྱི་མ་བརྒྱད་པོ་ཡང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། དེས་ཉན་ཐོས་དང་རང་རྒྱལ་གྱི་དེ་སྐྱེ་ཚུལ་ཡང་མཚོན་ནུས་སོ། །མཐོང་ལམ་ནས་སྒོམ་ལམ་དུ་འཕོས་པའི་ཚད་ནི། ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་པ་དེས། ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཐོབ་རྗེས་སུ་བདེན་འཛིན་ལྷན་སྐྱེས་ཆེན་པོའི་ཆེན་པོ་སྤོང་ཕྱིར་དུ། ཆོས་ཉིད་ལ་ནམ་མཉམ་པར་བཞག་པ་ན། ཐེག་ཆེན་གྱི་སྒོམ་ལམ་དུ་འཕོས་པ་ཡིན་ཏེ། རྣམ་བཤད་ལས། སྔར་བཤད་པའི་སྐད་ཅིག་མ་དེ་རྣམས་ནི་མཉམ་གཞག་གི་དབང་དུ་བྱས་པ་ཡིན་གྱིས། ཤེས་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་དངོས་སུ་གཞོམ་པའི་ཆེད་དུ། སྟོང་པ་ཉིད་ལ་མངོན་སུམ་དུ་མཉམ་པར་མི་འཇོག་པ་དེ་སྲིད་ཚུན་ཆད་དུ་མཐོང་ལམ་གྱིས་བསྡུས་པར་ཤེས་པར་བྱའོ། །ཞེས་པའི་ཤུགས་བསྟན་གྲུབ་པའི་ཕྱིར་རོ། །

{{#arraymap:ཐེག་ཆེན་གྱི་མཐོང་ལམ་

|; |@@@ | | }}