22536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་མོས་པ་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་གཞན་གྱི་དོན་དུ་དགེ་རྩ་གསར་དུ་གསོག་པའི་རབ་ཏུ་ཕྱེ་བའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། ཐེག་ཆེན་གྱི་མོས་པ་སྒོམ་ལམ་གྱི་མཚན་ཉིད། རྩ་བའི་སྒོ་ནས་དབྱེ་ན། རང་དོན། གཞན་དོན། གཉིས་དོན་མོས་པ་སྒོམ་ལམ་དང་གསུམ། ཡན་ལག་གི་སྒོ་ནས་དབྱེ་ན། གསུམ་པོ་དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་སྟེ་དགུ ཉིང་ལག་གི་སྒོ་ནས་དབྱེ་ན་དགུ་པོ་དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་སྟེ་ཉེར་བདུན་དུ་ཡོད་དེ། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། ཅེས་གསུངས་པའི་ཕྱིར། གསུམ་པོ་དེ་ཡང་ལྡོག་པའི་སྒོ་ནས་ཕྱེ་བ་ཙམ་ཡིན་གྱི་དོན་ལ་ཁྱད་པར་མེད་དེ། རང་དོན་དུ་དགེ་རྩ་གསར་དུ་གསོག་པའི་སྒོ་ནས་དང་པོ་དང་། གཞན་དོན་དུ་དགེ་རྩ་གསར་དུ་གསོག་པའི་སྒོ་ནས་གཉིས་པ་དང་། རང་གཞན་གཉིས་ཀའི་དོན་དུ་དགེ་རྩ་གསར་དུ་གསོག་པའི་སྒོ་ནས་གསུམ་པ་བཞག་པའི་ཕྱིར། ས་མཚམས། ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ནས་རྒྱུན་མཐའི་སྔ་ལོགས་པར་ན་ཡོད།
Domain ཆོས་ལུགས།