22540

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་འགོག་པ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྤྲོས་པ་མཐའ་དག་བཀག་པའི་ཆོས་དབྱིངས་ཐེག་ཆེན་རང་གི་རྟོགས་བྱ་ཐུན་མོང་མ་ཡིན་པ་སྟེ། རང་གི་ངོ་བོའི་སྒོ་ནས་མིང་གིས་བརྗོད་པར་མི་ནུས་ཀྱང་ཐ་སྙད་དུ་གདུལ་བྱ་ལ་བསྟན་པའི་ཚེ་འགོག་པ་ཞེེས་ཐ་སྙད་བྱས་པ་སྟེ། དོན་དམ་པ་ཞེས་དང། ཆོས་དབྱིངས་ཞེས་སོགས་མིང་གི་ཐ་སྙད་བྱས་པ་དང་འདྲའོ། །དེ་ཉིད་ཡང་དག་མཐའ་དང་དོན་གཅིག་པར་འགྲེལ་པ་འདིར་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་སོ། །
Domain ཆོས་ལུགས།