22544
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཐེག་ཆེན་གྱི་རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད་ནི། རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་བར་བྱེད་པའི་རབ་ཏུ་ཕྱེ་བའི་རྟོག་པར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དེ་ལ་དབྱེ་ན། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་དེ་དང། ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་དེ་གཉིས་སུ་ཡོད། ས་མཚམས་ནི། ས་གཉིས་པའི་རྗེས་ཐོབ་ཡེ་ཤེས་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་དོ།། |
| Domain | ཆོས་ལུགས། |